在线咨询
QQ咨询
服务热线
服务热线:13903113595 (同微信)
TOP
首页>医学期刊>雪域藏医药(藏文) (Email投稿)
雪域藏医药(藏文) (Email投稿) 省级普刊
第二批认定学术期刊
领域
医学
大类
医药卫生综合
小类
药学
周期
季刊
状态
正常
雪域藏医药(藏文) (Email投稿)
雪域藏医药(藏文) (Email投稿)
省级普刊

领域:医学
大类:医药卫生综合-药学
周期: 季刊
状态:正常
期刊简介Journal Introduction
《雪域藏医药(藏文)》(季刊),由西藏自治区卫生与健康委员会主管,西藏自治区藏医院主办的内部发行的藏医药学刊物,是展示全区藏医药医疗机构,研究机构,学术平台的唯一刊物。期刊主要采纳藏医临床实践、藏药加工炮制的独特实践、藏医外治疗法、藏医药古籍文献研究、藏医药科研、藏医医德医风、藏医护理学、藏医历史学、天文历算等多个领域的综合性学术论文。
征稿信息Call for Papers Information

温馨提示:

1、本刊为藏文版刊物!

2、投稿方式:邮箱投稿。

3、主办单位官网:

http://www.tibetology.ac.cn/2024-01/22/content_42680370.htm

4、刊内邮箱:mentsee@126.com

5、出刊日期:季刊,一年出版4期。

2024425日星期四

                        

 

《雪域藏医药》投稿须知【新】(供参考)

【微信公众号“Mentsee”信息】

 

原创 编辑部 Mentsee 2022-06-10

《雪域藏医药》投稿须知

༄༅། །གངས་ལྗོངས་སྨན་རྩིས་དུས་དེབ་ཀྱི་དཔྱད་རྩོམ་རེ་འདུན།

དུས་དེབ་འདི་ཉིད་སྤྱི་ལོ་༢༠༠༢ལོར་གཉེར་འགོ་ཚུགས་ནས་ད་བར་འདོན་ཐེངས་༥༡དང་དཔྱད་རྩོམ་༡༣༠༠ལྷག་སྤེལ་ཡོད་ཅིང་། དུས་རབས་ཀྱི་འགྲོས་དང་མཐུན་པར་གངས་ལྗོངས་སྨན་རྩིས་བསྟན་པ་འཛིན་སྐྱོང་སྤེལ་བའི་བྱ་གཞག་རླབས་པོ་ཆེ་བསྒྲུབ་པར་དམིགས་ནས། ང་ཚོས་དུས་དེབ་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་བཅོས་བྱ་ཆེད་སྔར་ལས་ལྷག་པའི་འབད་བརྩོན་ཞུ་ངེས་ལགས་པས། མཁྱེན་སྤྱན་ཡངས་པའི་རྩོམ་པ་པོ་ཡོངས་ནས་ཕུལ་བྱུང་གི་དཔྱད་རྩོམ་བསྐུར་གནང་བ་དང་སྦྲགས། དཔྱད་རྩོམ་ལ་གཤམ་གསལ་གྱི་ཆ་རྐྱེན་རྣམས་ཚང་ངེས་ཡོད་པར་ཞུ།

དང་པོ།  བརྗོད་བྱ།

བརྗོད་བྱའི་ཁྱབ་ཁོངས་ནི། བོད་ཀྱི་སྨན་རྩིས་རིག་པ་དང་འབྲེལ་བའི་ལོ་རྒྱུས་དང་། རིག་གཞུང་། མཐོང་བརྒྱུད་ཕྱག་ལེན། ཉམས་མྱོང་མན་ངག  །སྨན་རྫས་ངོས་འཛིན་དང་སྦྱོར་བཟོ། ཚན་རྩལ་ཞིབ་འཇུག་དང་སློབ་གསོ་སོགས་ཡིན།

བརྗོད་བྱའི་ནང་དོན་གསལ་ཞིང་། རྩོམ་སྲོག་གམ་གཙོ་དོན་བརྟན་ཅིང་འབུར་དུ་ཐོན་པ།  འབྲེལ་མེད་ཀྱི་བརྗོད་དོན་གཞན་མེད་པ་དགོས།

བརྗོད་བྱ་དོན་དངོས་དང་མཐུན་ཞིང་། ལྟ་བ་རང་ཚུགས་ཟིན་པ། གསར་གཏོད་རང་བཞིན་དང་། ཚན་རིག་ཞིབ་འཇུག །ལག་ལེན་གྱི་རིན་ཐང་ལྡན་པ། ཕན་འབྲས་ཆེ་བའི་དཔྱད་བརྗོད་ཀྱི་རང་བཞིན་བཅས་ཡོད་དགོས།

གཉིས་པ། རྗོད་བྱེད།

བོད་ཀྱི་བརྡ་དག་གི་འགྲོས་དང་མཐུན་ཞིང་ཚིག་སྦྱོར་སྙན་ལ་བརྗོད་པ་བདེ་བ།  དགོས་མེད་ཀྱི་ཚིག་ཉོག་ཉུང་ཞིང་དག་ནོར་མེད་པ།

  བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་ཡིན་དགོས་ཞིང་། ཡིག་འབྲུ་༣༠༠༠ནས་༧༠༠༠བར་ཡོད་ཆོག

  བསྒྲུབ་བྱ་སྒྲུབ་བྱེད་གནད་ལ་འཁེལ་ཞིང་དགག་བཞག་སོགས་ལུང་རིགས་ཁ་གསལ་ཁུངས་ལྡན་ཡོད་དགོས།

དེ་སྔོན་དུས་དེབ་ཚད་ལྡན་ཁག་ཏུ་བཀོད་མྱོང་མེད་པ་དང་བརྐུས་རྩོམ་མ་ཡིན་པ།

གསུམ་པ། སྒྲོམ་གཞི།

  རྩོམ་གྱི་ཁ་བྱང་གསལ་ཤིང་རྒྱས་བསྡུས་འཚམས་ལ་ནང་དོན་དང་མཐུན་པ།

ནང་དོན་གནད་བསྡུས་ཡིག་འབྲུ་༡༠༠ནས་༣༠༠ཙམ་གྱིས་བརྗོད་བྱའི་ནང་དོན་གྱི་གནད་བསྡུས་སུ་བསྟན་དགོས། གནད་བསྡུས་འབྲི་སྐབས་ཞིབ་འཇུག་གི་དམིགས་ཡུལ་དང་།(目的) ཐབས་ལམ།(方法) འབྲས་བུ། (结果)མཇུག་སྡོམ་(结论)བཅས་སྒྲིག་གཞི་ཅན་གྱི་སྒོ་ནས་འབྲི་དགོས།

  གནད་ཚིག་ནི་དཔྱད་རྩོམ་གྱི་གཙོ་དོན་དང་འབྲེལ་བའི་ཐ་སྙད་གཙོ་བོའམ་གནད་འགག་གི་ཚིག་༣ནས་༨བར་འབྲི་དགོས།

ས་བཅད་གཙོ་ཕལ་དང་ཆེ་ཆུང་དབྱེ་སྟངས་འཚམས་ཤིང་ཁ་གསལ་བ་དང་། ནང་དོན་གོ་རིམ་ལྡན་ལ་ཟློས་སྐྱོན་དང་ཆད་ལུས་མེད་ཅིང་མགོ་མཇུག་ཚང་བ་དགོས། དཔྱད་རྩོམ་འབྲི་སྐབས་གླེང་གཞི་དང་། དངོས་གཞིའི་ནང་དོན། མཇུག་བསྡུ་བ་བཅས་ཀྱི་སྒོ་ནས་འབྲི་དགོས་ལ། དངོས་གཞིའི་ནང་དོན་ལ་ས་བཅད་བསྒོ་སྐབས། དང་པོ།   གཅིག        .      ..        .       ..    .. གཉིས།      .     ..          .     ..  .. ………ལྟར་དུ་དཔྱད་རྩོམ་གྱི་ནང་དོན་ཆེ་ཆུང་རིམ་བཞིན་ས་བཅད་ཞིབ་ཕྲར་དབྱེ་དགོས།

  དཔྱད་གཞིའི་ཡིག་རིགས་ཁུངས་བཙན་ཡོད་པ་དང་། ལུང་འདྲེན་གྱི་ཚིག་རྣམས་ཡིག་འབྲུ་གཅིག་ཀྱང་ནོར་འཛོལ་མེད་པ་དགོས་པར་མ་ཟད། ཞབས་མཆན་གྱི་ཨང་རྟགས་གོ་རིམ་བཞིན་ཤོག་ངོས་དེའི་འོག་ཏུ་ལུང་འདྲེན་གྱི་དཔེ་ཆའི་མཚན་དང་ཤོག་གྲངས་འགོད་དགོས་པ་(དཔེར་ན། ཤེལ་གོང་ཕྲེང་། ཤ༨༨ ལྟ་བུ།)དང་། ཞབས་མཆན་འདིའི་ནང་གསལ་བཤད་དགོས་རིགས་གཞན་ཡོད་ནའང་འབྲི་ཆོག

  དཔྱད་རྩོམ་འབྲེལ་ཡོད་ཀྱི་པར་རིས་འཇོག་ན་ངེས་པར་དུ་གསལ་པོ་དགོས་ལ། པར་རིས་དག་གོ་རིམ་ལྟར་བཞག་ནས་འོག་ཏུ་ཨང་གྲངས་དང་པར་རིས་གསལ་བཤད། ཡོང་ཁུངས་སོགས་འབྲི་དགོས་སྟེ། དཔེར་ན། པར་རིས།   གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ། པོ་ཏཱ་ལའི་ལྡེབས་རིསཔར་རིས༢  གཡུ་ཐོག་གསར་མའི་འཁྲུངས་ཡུལ་སྒོ་བཞི་རེ་ཐང་། རྩོམ་པ་པོས་པར་བླངསལྟ་བུ།

དཔྱད་རྩོམ་འབྲེལ་ཡོད་ཀྱི་རེའུ་མིག་ཡོད་ན་དུས་དེབ་ཏུ་རྩོམ་སྒྲིག་བྱེད་བདེ་བ་ཞིག་དགོས་ལ། རེའུ་མིག་དག་གོ་རིམ་ལྟར་བཞག་ནས་འོག་ཏུ་ཨང་གྲངས་དང་རེའུ་མིག་གསལ་བཤད་བསྡུས་པ་རེ་འབྲི་དགོས་སྟེ། དཔེར་ན། རེའུ་མིག ཉེས་གསུམ་ལས་སྐོམ་དད་འབྱུང་གྲངས། རེའུ་མིག ནད་སྟོབས་ཆེ་ཆུང་ལས་སྐོམ་དད་ཚད་གཞི་འཇོག་ལུགས། ལྟ་བུ།

  དཔྱད་གཞིའི་ཡིག་ཆ་འབྲི་སྐབས་ཐོག་མར་བོད་ཡིག་གི་ཡིག་ཆ་རྣམས་ཀ་མད་གོ་རིམ་ལྟར་འཇོག་དགོས་པ་དང་། དེའི་རྗེས་སུ་རྒྱ་ཡིག་གི་ཡིག་ཆ་拼音གོ་རིམ་ལྟར་འཇོག་རྒྱུ། དེའི་རྗེས་སུ་དབྱིན་ཡིག་གི་ཡིག་ཆ་ABCཡི་གོ་རིམ་ལྟར་འཇོག་དགོས། དཔེར་ན།  དཔྱད་གཞིའི་ཡིག་ཆ། 1. དེལ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཤེལ་གོང་ཕྲེང་།[M]མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༠ལོར་པེ་ཅིན་དུ་དཔར། 2.卡斯蒂格略尼,世界医学史,第一卷,[M] 商务印书馆,北京,1986.  3.Yang ga. Sources of the rgyud bzhi, a Tibetan medical classic. [D] Harvard University. 2010.ལྟ་བུ་འབྲི་དགོས། དེ་ཡང་། དཔྱད་གཞིའི་ཡིག་ཆ་དེ་དཔེ་དེབ་ཡིན་ན་རྟགས་[M]འདི་དང་། ཕྱོགས་བསྒྲིགས་ལ་[G] སློབ་གནས་དཔྱད་རྩོམ་ལ་[D]  འོད་སྡེར་ལ་[CD]  དུས་དེབ་ལ་[J] ཚགས་པར་ལ་[N] སྙན་ཞུ་ལ་[R]  འཁོར་འབྲེལ་དྲ་རྒྱ་ལ[OL]གྲངས་མཛོད་ལ་[DB]བཅས་རྟགས་སོ་སོར་འགོད་དགོས།

དཔྱད་རྩོམ་གྱི་མཇུག་ཏུ་རྩོམ་ཡིག་གི་ཁ་བྱང་དང་རྩོམ་པ་པོའི་མཚན། ལས་ཁུངས། སྦྲག་ཨང་། སློབ་གནས་སམ་ལག་རྩལ་གོ་མིང་། ནང་དོན་གནད་བསྡུས། གནད་ཚིག་སོགས་བོད་རྒྱ་དབྱིན་གསུམ་ཤན་སྦྱར་བྱས་ནས་འབྲི་དགོས།

༡༠ མཇུག་ཏུ་རྩོམ་པ་པོའི་འབྲེལ་གཏུག་ཨང་གྲངས་ཁ་གསལ་འགོད་དགོས།

བཞི་པ།  བསྐུར་སྟངས།

དཔྱད་རྩོམ་ཆ་ཚང་མཉེན་ཆས་Microsoft Wordསྤྱད་ནས་ཧི་མ་ལ་ཡའི་ཡིག་གཟུགས་སུ་འབྲི་དགོས་པ་དང་། ལོ་རེའི་ཟླ་དང་པོ། བཞི་པ། བདུན་པ། བཅུ་པ་བཅས་སུ་དུས་དེབ་རེའི་དཔྱད་རྩོམ་འདེམས་སྒྲུག་བྱེད་བཞིན་ཡོད་པར་བརྟེན། ཞུས་དག་ལེགས་པར་ཟིན་རྗེས་དུས་ལྟར་དྲ་ལམ་ནས་བསྐུར་རོགས། ཡིག་ཆའི་མིང་བོད་ཡིག་གི་དཔྱད་རྩོམ་ཁ་བྱང་མཇུག་ཏུ་རྩོམ་པ་པོའི་མཚན་སྦྱར་ནས་བསྐུར་དགོས། དཔེར་ན། མགོ་ན་བའི་རྒྱུ་ལ་རགས་ཙམ་དཔྱད་པ། ཚེ་རིང་། ཕུར་བུ་དོན་གྲུབ། ལྟ་བུ། རྩོམ་སྒྲིག་གི་རེ་བ་ལྟར་བཟོ་བཅོས་བརྒྱབ་པའི་དཔྱད་རྩོམ་ཡིན་ན་ཡིག་ཆའི་མིང་བོད་ཡིག་གི་དཔྱད་རྩོམ་ཁ་བྱང་མཇུག་ཏུ་བཟོ་བཅོས་ཞེས་བྲིས་ནས་བསྐུར་དགོས།  དཔེར་ན། མགོ་ན་བའི་རྒྱུ་ལ་རགས་ཙམ་དཔྱད་པ། བཟོ་བཅོས། ལྟ་བུ།

རྩོམ་བསྐུར་ཡུལ།

དྲ་ལམ་གློག་རྡུལ་ཡིག་སྒམ།  mentsee@126.com

འཕྲིན་ལམ་འབྲེལ་གནས།

བོད་ལྗོངས་ལྷ་ས་ཉང་བྲན་ལམ་སྒོ་རྟགས་༢༦པ།

བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་།

གངས་ལྗོངས་སྨན་རྩིས་དུས་དེབ་རྩོམ་སྒྲིག་ཁང་།

西藏拉萨市娘热路26 850000(西藏自治区藏医院《雪域藏医药》编辑部)

འབྲེལ་གཏུག་ཨང་གྲངས།  ༠༨༩༡-༦༡༦༠༤༩༢

གངས་ལྗོངས་སྨན་རྩིས་དུས་དེབ་རྩོམ་སྒྲིག་ཁང་ནས།

༢༠༢༢ལོའི་ཟླ་༦པའི་ཚེས་༡༠ཉིན།


相关期刊Related journals
期刊名称 大类 小类
菏泽医学专科学校学报 医药卫生综合 专科学报(医卫)
黔南民族医专学报 医药卫生综合 专科学报(医卫)
山东医学高等专科学校学报 医药卫生综合 专科学报(医卫)
新疆维吾尔医学专科学校学报 医药卫生综合 专科学报(医卫)
中国保健营养 医药卫生综合 医疗保健
大健康 医药卫生综合 医疗保健
妇幼护理 医药卫生综合 医疗保健
康复 医药卫生综合 医疗保健
健康体检与管理 医药卫生综合 医疗保健
反射疗法与康复医学 医药卫生综合 医疗保健
润色示例Polishing Example
北大核心 基础研究 北大核心 基础研究
北大核心 医学教学 北大核心 医学教学
北核 CSCD 述评,论著,研究,基础,临床,护理,教学 北核 CSCD 述评,论著,研究,基础,临床,护理,教学
常见问题common problem
常见问题 2024-03-15
常见问题 2024-03-15